ས་སྙིང་དུས་ཆེན། 地藏菩萨加持日

 





࿑ དེ་རིང་ནི་ཚེས་ཉེ་གཅིག་སྟེ་འཕགས་པ་ས་ཡི་སྙིང་པོའི་དུས་ཆེན་ཡིན་པས། ཀུན་གྱིས་སྦྱོར་བ་སེམས་བསྐྱེད་དམ་པ་དང་། དངོས་གཞི་དམིགས་མེད་དམ་པ། མཇུག་བསྔོ་བ་དམ་པ་སྟེ་དམ་པ་གསུམ་གྱིས་རྩིས་ཟིན་པའི་སྒོ་ནས་རྣམ་དཀར་དགེ་བའི་ལས་ལ་འབད་པར་འཚལ།
今天是藏历二十一日,地藏菩萨加持日。作何善恶一亿倍。值此殊胜日请广行善业、吃素、放生、供灯、持咒、诵经等。功德回向一切众生。
བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོའི་མཚན་སྔགས།
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་ཡི་སྙིང་པོ་ལ་ཕྱག་འཚལ་ལོ།། མཆོད་དོ།། སྐྱབས་སུ་མཆིའོ།།
地藏王菩萨摩诃萨圣号:
香且森华森华钦诐 萨耶酿诐拉 香檫洛 窍多嘉森且(藏语含义:顶礼供养皈依地藏菩萨摩诃萨)
ས་ཡི་སྙིང་པོའི་མདོ་ལས། ལས་ཀྱི་ནུས་པ་ནི་ཤིན་ཏུ་ཆེ་བའི་ཕྱིར་རི་རབ་ལས་ཀྱང་དཔངས་མཐོ་བ་དང་། རྒྱ་མཚོ་ལས་ཀྱང་གཏིང་ཟབ་པ་དང་། འཕགས་པའི་ལམ་རྣམས་ཀྱང་སྒྲིབ་པར་བྱས་པས་ན། སེམས་ཅན་རྣམས་ཀྱིས་ལས་ཆུང་ངུས་ཀྱང་མི་གནོད་སྙམ་དུ་སེམས་པར་མི་བྱ་སྟེ། ཤི་བའི་རྗེས་སུ་སྐྲ་ཉག་མ་ཙམ་ཡང་ཆུད་ཟོས་མེད་པར་ལས་ཀྱི་རྣམ་པར་སྨིན་པ་ཉམས་སུ་མྱོང་བར་འགྱུར་རོ།།
《地藏经》: 业力甚大,能敌须弥,能深巨海,能障圣道。是故众生莫轻小恶,纤毫受之。
ས་ཡི་སྙིང་པོ་ཁྱེད་ཀྱི་ཐུགས་བསྐྱེད་དང༌། །
地藏菩萨您所发大心
མཛད་པ་སྨོན་ལམ་མཁྱེན་བརྩེ་ནུས་པའི་ཚུལ། །
事业大愿及与智悲力
བླ་མེད་ཡེ་ཤེས་སྒྱུ་འཕྲུལ་ཇི་འདྲ་བ། །
无上智慧幻化众功德
དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །
唯愿吾等如是获成就

评论

热门博文