སློབ་དཔོན་དུས་ཆེན། 连师节日会供日




དེ་རིང་བོད་ཟླ་གཉིས་པ་འབྲུག་གི་ཟླ་བའི་ཚེས་བཅུ་ལ་སློབ་དཔོན་པདྨ་འབྱུང་གནས་ཉིད་སློབ་དཔོན་ཆེན་པོ་བྲ་བྷ་ཧ་སྟི་ལས་རབ་ཏུ་བྱུང་བའི་དུས་ཆེན་ཡིན་པས།དགེ་སྡིག་གང་བྱས་འབུམ་དུ་འགྱུར་ལ་མཚོན་གྱི་བསྐལ་བ་ལས་ཐར།ཚ་བའི་དམྱལ་བར་མི་སྐྱེ་བ་སོགས་ཕན་ཡོད་བསམ་གྱིས་མི་ཁྱབ་པ་ཡོད་དོ།།
今天藏历二月初十(4月11日)莲花生大士在扎巴哈日尊者前示现出家的殊胜吉祥日,作善作恶变动十万倍,今日行善可以解脱刀劫,不堕八热地狱等有无量功德
དེ་རིང་སློབ་དཔོན་ཉིད་ལ་ཕྱག་དང་བསྐོར་བའི་གུས་འདུད་དང་བཅས་པས་སེར་སྣ་མེད་པར་རང་འབྱོར་དང་བསྟུན་ཏེ་དངོས་རྫས་མེ་ཏོག མཆོད་མེ། ཡོན་ཆབ་སོགས་འབུལ་ཞིང་སྒོ་གསུམ་གྱིས་རྣམ་དཀར་དགེ་བའི་ལས་ལ་འབད་ན་འདི་ཕྱི་ཀུན་ཏུ་བསོད་ནམས་རྒྱུན་ཆད་མེད་པར་འབྱུང་བའི་ཐབས་བླ་ན་མེད་པ་ཡིན་ནོ།།
今天对佛陀第二的莲花生大师前顶礼,转经,移除吝啬,并尽己所能的供花,供灯,供水等,依身语意三门行善,是圆满福慧二资并能长久的无上殊胜之法。
བཀའ་ཐང་བསྡུས་པ་བཞུགས།
【 莲 师 祈 請 文】
འགྲོ་བའི་མགོན་པོ་ཨོ་རྒྱན་སྤྲུལ་བའི་སྐུ༔
众生怙主邬金莲花生
ཞིང་ཁམས་གནས་མཆོག་གང་དུ་བཞུགས་གྱུར་ཀྱང་།༔
今日无论您于何方刹
ཐུགས་རྗེ་མྱུར་མགྱོགས་ལྡན་པའི་ལྕགས་ཀྱུ་ཡིས༔
迅猛如雷慈悲之铁钩
བདག་སོགས་ཁྱེད་ཀྱི་གདུལ་བྱར་གྱུར་པ་རྣམས༔
摄受我等您徒之眷属
འཁོར་བའི་ཆུ་བོ་ཆེ་ལས་བསྒྲལ་ནས་ཀྱང་༔
渡过苦难轮回之大海
ཨོ་རྒྱན་མཁའ་སྤྱོད་གནས་སུ་ལམ་སྣ་དྲོངས༔
祈求引往空行刹土中
ཨོཾ་ཨ་ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔
嗡阿吽班杂古汝贝玛斯地吽
འདི་ཚར་རེ་བཀླག་ན་བཀའ་ཐང་ཆེན་མོ་དང་ཕན་ཡོན་མཉམ་མོ༔མངའ་བདག་ཉང་རལ་ཉི་མ་འོད་ཟེར་གྱི་གཏེར་མའོ།།
诵此祈请文ㄧ遍,功德等同念诵莲师传记ㄧ遍

评论

热门博文