ཐུགས་རྗེ་ཆེན་པོའི་སྒོམ་བཟླས་འགྲོ་དོན་མཁའ་ཁྱབ་མ།利生遍空--大悲觀世音菩薩修誦儀



ཐུགས་རྗེ་ཆེན་པོའི་སྒོམ་བཟླས་འགྲོ་དོན་མཁའ་ཁྱབ་མ།
利生遍空--大悲觀世音菩薩修誦儀軌
湯東加波大師 著
སྐྱབས་འགྲོ་སེམས་བསྐྱེད་ནི།皈依發心:
སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །
桑傑確倘措記秋南啦 諸佛正法聖僧眾
བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །
強秋琶篤達尼甲素企 直至菩提我皈依
བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །
達記錦梭吉具索南記 以我布施等功德
འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །
卓啦遍企桑傑竹巴修 為利眾生願成佛
ལན་གསུམ། 念誦三次
ལྷ་བསྐྱེད་པ་ནི།然後觀想生起本尊:
བདག་སོགས་མཁའ་ཁྱབ་སེམས་ཅན་གྱི།།
達梭卡洽森間記 我等遍虚空有情
སྤྱི་གཙུག་པད་དཀར་ཟླ་བའི་སྟེང་།།
機足貝嘎達威丁 頭頂白蓮月輪上
ཧྲཱི༔ལས་འཕགས་མཆོག་སྤྱན་རས་གཟིགས།།
啥磊帕秋間瑞息 舍字化成聖觀音
དཀར་གསལ་འོད་ཟེར་ལྔ་ལྡན་འཕྲོ།།
嘎薩偉瑟那滇綽 白色明淨五光燦
མཛེས་འཛུམ་ཐུགས་རྗེའི་སྤྱན་གྱིས་གཟིགས།།
則尊突傑間記息 莊嚴微笑悲眼视
ཕྱག་བཞིའི་དང་པོ་ཐལ་སྦྱར་མཛད།།
洽息倘波踏甲則 四臂首對為合掌
འོག་གཉིས་ཤེལ་ཕྲེང་པད་དཀར་བསྣམས།།
偶尼謝稱貝嘎難 晶珠白莲後二持
དར་དང་རིན་ཆེན་རྒྱན་གྱིས་སྤྲས།།
達倘仁千間記這 網緞璎珞珠寶飾
རི་དྭགས་པགས་པའི་སྟོད་གཡོགས་གསོལ།།
日達罷貝對優梭 鹿皮於房做披飾
འོད་དཔག་མེད་པའི་དབུ་རྒྱན་ཅན།།
偉巴梅貝 邬堅間 無量光佛為頂嚴
ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས།།
峡尼多傑吉中修 雙足金删跏趺坐
དྲི་མེད་ཟླ་བར་རྒྱབ་བརྟེན་པ།།
直梅達哇甲滇巴 背倚無垢滿月帷
སྐྱབས་གནས་ཀུན་འདུས་ངོ་བོར་གྱུར།།
甲內昆對喔沃久 攝諸皈依處自性
བདག་དང་སེམས་ཅན་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་གསོལ་བ་འདེབས་པར་བསམ་ལ།
思雄我典一切有情一心祈请:
སྐྱོན་གྱིས་མ་གོས་སྐུ་མདོག་དཀར།།
昆吉瑪軌咕斗嘎 淨極無瑕大悲身
རྫོགས་སངས་རྒྱས་ཀྱིས་དབུ་ལ་བརྒྱན།།
佐桑傑記邬啦間 阿彌陀佛顶上嚴
ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས།།
突傑間吉卓啦息 慈眼悲憫視眾生
སྤྱན་གཟིགས་ལ་ཕྱག་འཚལ་ལོ།།
間瑞息啦洽擦洛 顶禮觀世音菩薩
ཞེས་ཅི་ནུས་བསགས།盡力持誦
དེ་ལྟར་རྩེ་གཅིག་གསོལ་བཏབ་པས།།
喋大則記梭大貝 以我專誠新求力
འཕགས་པའི་སྐུ་ལས་འོད་ཟེར་འཕྲོས།།
帕貝咕磊偉瑟綽 從聖者身放光明
མ་དག་ལས་སྣང་འཁྲུལ་ཤེས་སྦྱངས།།
瑪達磊囊初謝蔣 淨諸惡業及頰惱
ཕྱི་སྣོད་བདེ་བ་ཅན་གྱི་ཞིང་།།
企女喋哇間吉行 娑婆頓成妙淨土
ནང་བཅུད་སྐྱེ་འགྲོའི་ལུས་ངག་སེམས།།
囊俱界卓閶那森 有情眾生身口意
སྤྱན་རས་གཟིགས་དབང་སྐུ་གསུང་ཐུགས།།
間瑞息汪固松突 悉成觀音身口意
སྣང་གྲགས་རིག་སྟོང་དབྱེར་མེད་གྱུར།།
囊札日東耶梅久 相音覺空合為一
ཨོཾ་མ་ཎི་པདྨེ་ཧཱུྃ།
嗡瑪尼貝美吽
འཁོར་གསུམ་མི་རྟོག་པའི་རང་ངོར་མཉམ་པར་བཞག །安住於無三輪念之自性中。
བདག་གཞན་ལུས་སྣང་འཕགས་པའི་སྐུ།།
達賢閶囊帕貝咕 自他身相皆是聖者身
སྒྲ་གྲགས་ཡི་གེ་དྲུག་མའི་དབྱངས།།
札札以給竹梅央 一切音聲悉為六字明
དྲན་རྟོག་ཡེ་ཤེས་ཆེན་པོའི་ཀློང་།།
枕多也謝千波隆 諸般心念無非大智慧
དགེ་བ་འདི་ཡིས་མྱུར་དུ་བདག །
給哇迪宜紐篤達 願我迅速以此善
སྤྱན་རས་གཟིགས་དབང་འགྲུབ་གྱུར་ནས།།
間瑞息汪竹久內 成就觀音大士尊
འགྲོ་བ་གཅིག་ཀྱང་མ་ལུས་པ།།
卓哇記將瑪閶巴 一切眾生盡無餘
དེ་ཡི་ས་ལ་འགོད་པར་ཤོག །
喋宜薩啦皈巴修 悉登彼等之聖位

评论

热门博文